You are on page 1of 3

པད་གླིང་ཕྱག་རྡོར་གཏུམ་པོའ་ི རྒྱུན་ཁྱེར་བཞུགས།

ན་མོ་གུ་རུཕྱག་རྡོར་གཏུམ་པོའི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པས།མདུན་གྱི་ནམ་ཁར་ཚོགས་ཤིང་ཕྱག་
རྡོར་དམིགས་ལ།རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ།།དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ།།མཆོག་གསུམ་བསྟེན་
པའི་ཞིང་གྱུར་ལ།།གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི།།དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི།།དག་པའི་མཆོད་པ་
བཞེས་སུ་གསོལ།།དངོས་གྲུབ་ཆུ་བོ་གཅོད་པའི་གེགས།།ཉེས་བྱེད་མ་ལུས་བཤགས་པར་བགྱི།།ཕྱོགས་བཅུ་འཁོར་
གསུམ་དག་པའི་ཆོས།།མ་ཆགས་སྤྱོད་ལ་རྗེས་ཡི་རང་།།དག་པའི་མཐའ་བཞི་དྲི་མ་མེད།། རྫོགས་པའི་བྱང་ཆུབ་
སེམས་བསྐྱེད་དོ།།བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ།། དག་པ་གསུམ་གྱི་ལུས་འབུལ་ལོ།།ཚེ་ རབས་བགྲངས་
བའི་ལས་རྣམས་ཀུན།། བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ།། སོགས་རྒྱུན་བཤགས་ཡན་ལག་བརྒྱད་པས་ཚོགས་
བསགས་ཤིང་། སེམས་ཅན་བདེ་དང་ལྡན་གྱུར་ཅིག། སྡུག་བསྔལ་ཀུན་དང་བྲེལ་བར་ཤོག། བདེ་དང་ རྟག་ཏུ་མི་
འབྲལ་ཤིང་།། ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག། ཅེས་ཚད་མེད་བཞི་བསྒོམ་ལ་ཚོགས་ཤིང་རང་ལ་བསྡུ།ཨོཾ་སྭ་
བྷ་ཝ་ཤུདྡྷ་སྭ་བྷ་ཝ་ཤུདྡྷོ་ཉཧཾ་གིས་སྟོང་པར་སྦྱངསསྟོང་པའི་ངང་ལས་འཁོར་འདས་ཀྱི་ཆོས་ཐམས་ཅད་འོད་
གསལ་གྱི་རང་མདངས་རྡོ་རྗེ་སྲུང་བའི་འཁོར་ལོ་ཆེན་པོ་བར་མཚམས་མེད་པར་ཁྱབ་པའིདབུས་སུ་པད་མ་ཉི་ཟླ་
བརྩེགས་པའི་ཁར་གཟའ་བརྒྱད་ཀླུ་བརྒྱད་བསྣོལ་བའི་སྟེང་དུ་རང་གི་རིག་པ་ཧཱུཾ་སྔོན་པོ་ལས་རྡོ་རྗེ་ཧཱུཾ་གིས་
མཚན་པ། དེ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་བ་ལས་
གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སྐུ་མདོག་་མཐིང་ནག་གཏུམ་ཞིང་ཁྲོས་པའི་ཉམས་ཅན་ཞལ་གཅིག་ཕྱག་
གཉིས་པ། སྐུ་ལུས་ཐུང་ཤིང་སྦོམ་ལ་གསུས་པ་ཆེ་བ། ཡན་ལག་རགས་པ། ཁྲོས་པའི་ཞལ་གདངས་ཤིང་ལྗགས་
འདྲིལ་བ། སྤྱན་གསུམ་དམར་ལ་ཟླུམ་པ། སྨིན་མ་དང་སྨ་ར་དབུ་སྐྲ་གྱེན་དུ་འཁྱིལ་ཞིང་མེ་སྟག་གི་ཚ་ཚ་འཕྲོ་བ།
ཕྱག་གཡས་ གནམ་ལྕགས་ཀྱི་རྡོ་རྗེ་ནམ་མཁའ་ལ་འཕྱར་ཞིང་།ཕྱག་གཡོན་སྡིགས་མཛུབ་ཀྱི་གདུག་སྦྲུལ་ཐུགས་
ཀར་བཟུང་བའི་མགོ་བོ་་ཞལ་དུ་གསོལ་བ། ཐོད་སྐམ་ལྔའི་དབུ་བརྒྱན་སོགས་དུར་ཁྲོད་ཀྱི་ཆས་བརྒྱད། སེངེའྒ ི་
གོང་སློག་དང་ དར་སྔོན་པོའི་སྟོད་གཡོགས་ཅན།ཞབས་གཡས་བསྐུམ་ཤིང་གཡོན་བརྐྱང་པའི་སྟབས་ཀྱིས་
བཞེངས་པ།མི་བསྐྱོད་པའི་ཅོད་པན་ཅན་སྒེག་ཅིང་དཔའ་བའི་ཆ་་བྱད་ཡོངས་སུ་རྫོགས་པ་ མེ་དཔུང་འབར་ཤིང་
འཁྱིལ་བའི་ཀློང་ན་ བཞུགས་པ། དེའི་སྤྱི་བོར་ཁྱུང་མཐིང་ག་དཔུང་པ་གཡས་ན་ཁྱུང་དཀར་པོ། དཔུང་པ་གཡོན་
ན་ཁྱུང་སེར་པོ། པུས་མོ་གཡས་ན་ཁྱུང་དམར་པོ། པུས་མོ་གཡོན་ན་ཁྱུང་ལྗང་གུ་རྣམས་གནམ་ལྕགས་ཀྱི་མཆུ་སྡེར་
ཅན། མེའི་གཤོགས་ པ་གཡབ་ཅིང་རྡེབས་པ། བདག་ཉིད་ཀྱི་དཔྲལ་བར་ཨོཾདཀར་པོ། མགྲིན་པར་ཨ་དམར་པོ།
སྙིང་གར་ཧཱུཾ་སྔོན་པོ།ཧཱཾ་ལས་འོད་ཟེར་འཕྲོས་པས་སྒོམ་པ་འདྲ་བའི་ཡེ་ཤེས་སེམས་པ་བཛྲ་ས་མཱ་ཛ༔སྤྱན་
དྲངསཛཧཱུཾབཾཧོ༔གཉིས་སུ་མེད་པར་གྱུར་བའི་ང་རྒྱལ་བསྐྱེད།རང་གི་སྙིང་གར་ཉི་མ་ལ་གནས་པའི་རྡོ་རྗེ་སྔོན་པོ་རྩེ་
ལྔ་པའི་ལྟེ་བར་ ཧཱུཾ་སྔོན་པོའི་མཐར་སྔགས་ཀྱི་འཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་འདུས་དོན་གཉིས་བྱས།
སྣང་གྲགས་རིག་ གསུམ་ལྷ་སྔགས་ཆོས་ཉིད་ཀྱི་འཁོར་ལོར་སད་པར་སོམ་ལ། ཨོཾ་བཛྲ་ཙཎྜ་མཧཱ་རོ་ཥ་ཎ་ཧཱུཾ་ཕཊ༔
ཅི་ནུས་སུ་བཟླ་་་་ཐུན་གྱི་མཐར་ ཧཱུཾ་ཧཱུཾ་ཧཱུཾ་ གིས་འོད་གསལ་དུ་བསྡུ། ཕཊ་ཕཊ་ཕཊ་ ཀྱིས་ཐུན་མཚམས་ཀྱིས་ལྷར་
ལྡང་སྟེ། དགེ་བ་འདི་ཡིས་མྱུར་དུ་བདག། རྡོ་རྗེ་གཏུམ་པོ་འགྲུབ་གྱུར་ནས།། འགྲོ་བ་་་། འདི་ཡི་ས་ལ་་་། ཁྱེད་་
འགྲུབ་སྨོན་ལམ་བཏབ་པ་ཡི། དོན་གཉིས་ལྷུན་གྱིས་འགྲུབ་ནས་ནི། གང་དུ་གནས་པའི་ས་ཕྱོགས་སུ།། ནད་གདོན་
དབུལ་ འཕོང་འཐབ་བརྩོད་ཞི་བ་དང་།། ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ།། ཆོས་སྐུའི་བཀྲ་ཤིས་
ཀ་དག་ཡངས་པའི་ཀློང་། ལོངས་སྐུའི་བཀྲ་ཤིས་མཚན་དཔེ་དཔལ་འབར་བ།། སྤྲུལ་སྐུའི་བཀྲ་ཤིས་འགྲོ་དོན་ལྷུན་
འགྲུབ་ ཅིང་།། སྐུ་གསུམ་འགྱུར་མེད་བཀྲ་ཤིས་གང་ལགས་པ།། བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། །།
རྒྱས་ན་་ཨོཾ་བཛྲ་པ་ཎི་ས་པཱ་རི་ཝཱ་ར་ཨརྒྷཾ་་་་་ཤཔྟ་པྲ་ཏིཙྩ་སྭཧཱ༔ མཧཱ་པཉྩ་ཨ་མྲྀ་ཏརཀྟ་་་བལིང་ྟ ཁཱ་ཧི༔ ཞེས་མཆོད།
ཧཱུཾ༔ སྲིད་གསུམ་འཇིགས་བྱེད་རྡོ་རྗེ་དྲག་པོའ་ི སྐུ།། བདག་དང་གཞན་གྱི་དཔལ་གྱུར་རྡོ་རྗེ་ཅན།། བདུད་ལས་
རྣམ་རྒྱལ་ཡེ་ཤེས་ལྔ་དང་ནི།། ཕྱག་ན་རྡོ་རྗེ་འཁོར་དང་བཅས་ལ་བསྟོད། ཅེས་བསྟོད། ཧཱུཾ༔ གསང་བདག་ཕྱག་རྡོར་
ལྷ་ཚོགས་དགོངས།། ཆོ་ག་ལྷག་ཆད་བྱུང་བ་དང་།། མ་འབྱོར་བ་དང་ཉམས་པ་དང་།། མ་རིག་དབང་གིས་ངོ་ མ་
རྟོགས།། དབྱེར་མེད་ཆོས་སྐུའི་ཀློང་ཉིད་དུ།། བཟོད་པར་གསོལ་ལོ་བཤགས་པར་བགྱི། ཨོཾ་བཛྲ་ས་མ་ཡ་ཤུདྡྷེ་ཨ༔
ཆོས་དབྱིངས་སྐྱེ་བ་མེད་པ་ལས།། འགགས་མེད་རྡོ་རྗེ་སྲིན་པོར་ཤར།། འགགས་པ་ཉིད་ནས་འགགས་མེད་པ།།
སྤྲོས་བྲེལ་ཀ་དག་ཀློང་དུ་ཐིམ། ཧཱུཾ་ཧཱུཾ་ཧཱུཾ༔ གིས་རྟག་མཐའ་བསལ། ཕཊ་ཕཊ་ཕཊ༔ སླར་ཡང་ཀ་དག་རང་རྩལ་
ལས༔ རྡོ་རྗེ་གཏུམ་པོའི་སྐུ་རུ་གསལ༔ ཞེས་རྡོ་རྗེ་གཏུམ་པོར་གསལ་བཏབ་པས་ཆད་མཐའ་གསལ་ལོ། ཧཱུཾ༔ བླ་
མེད་གསང་བའི་དཀྱིལ་འཁོར་དུ༔ ཡང་གསང་ཆོ་ག་འདི་བསྔོས་པས༔ རྡོ་རྗེ་མཆད་ལྕམ་འགྲོ་ཀུན་རྣམས༔ སྐྱེས་
མེད་དབྱིངས་ལ་སྤྱོད་པར་ཤོག༔ ཧཱུཾ༔ ཡང་གསང་དཀྱིལ་འཁོར་བསྒྲུབས་པའི་མཐུས༔ སྒོ་གསུམ་དྲི་མ་ཀུན་དག་
ནས༔ རྡོ་རྗེ་སློབ་དཔོན་མཆེད་ལྕམ་རྣམས༔ མི་འབྲལ་རྩེ་ཅིག་འགྲོགས་པ་དང༔ བསྙེན་སྒྲུབ་ལས་འབྱོར་མཐར་
ཕྱིན་ནས༔ ཚེ་འདིར་སངས་རྒྱས་ཐོབ་གྱུར་ཅིག༔ ཆོས་སྐུའི་བཀྲ་ཤིས་་་་། ལོངས་སྐུའི་་་། སྤྲུལ་སྐུའི་་་་། སྐུ་
གསུམ་་་། བཀྲ་ཤིས་དམ་པ་དེས་ཀྱང་ཐངདེང་འདིར་བདེ་ལེགས་ཤོག། །།

You might also like