You are on page 1of 1

སྤྱི་ཚེས་༡༩/༠༥/༢༠༢༣།

མཁྱེན་ལྡན་སློབ་དབུ་འཛིན་མཆོག་ལུ།
ཆུ་ཁ་འབྲིང་རིམ་སློབ་གྲྭ་གོང་མ།
ཆུ་ཁ་རྫོང་ཁག།
རྩ་དོན། གཞུང་ལྟོ་ཐོབ་ཀྱི་གྲངས་སུ་སློབ་ཕྲུག་གསར་བཙུགས་ཀྱི་གསོལ་འདེབས་ཞུ་བ།
སྒོ་༣ གུས་པས་ ཕུན་ཚོགས་གླིང་རིག་གསར་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་ཕྲུག་ཕན་ལྡན་འོད་ཟེར་མིང་པས་ ཕྱག་བཅས་ཞུ་གསོལ་དེ་ནི། ན་ཧིང་དབྱིན་ལོ་༢༠༢༣ གྱི་ལོ་ལུ་ ཕུན་
ཚོགས་གླིང་རིག་གསར་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ལས་ སློབ་རིམ་བཅུ་གཅིག་པ་མཐར་འཁྱོལ་ཡོད་རུང་ དུས་ཅི་ལས་ ངེ་གི་ཨ་པ་འདི་ ཆུ་ཁ་རྫོང་ཁག་ནང་ལུ་ གནས་སོར་བཏང་
ཡི་ཟེར་ ཞུ་ནི་ཨིན།
དེ་གིས་འབད་ ཧེ་མའི་སློབ་གྲྭ་ནང་ལུ་དཔེ་ཆ་འཕྲོ་མཐུད་དེ་བལྟ་ནི་འདི་ དཀའ་ངལཐོན་སོངམ་ལས་བརྟེན་ ནཱ་སློབ་དབུ་འཛིན་མཆོག་གིས་ ཐུགས་བྱམས་བརྩེས་གཟིགས་ཏེ་ ནཱ་ཆུ་ཁ་
འབྲིང་རིམ་སློབ་གྲྭ་གོང་མའི་ནང་ སློབ་རིམ་བཅུ་གཉིས་པའི་ མཚན་རིག་སྡེ་ཚན་ནང་ལུ་ གཞུང་ལྟོ་ཐོབ་ཀྱི་གྲངས་སུ་ ཤེས་ཡོན་འཕྲོ་མཐུད་དེ་ལྷབ་ཆོག་པའི་གནང་བ་གནང་སྟེ་ བཀའ་
དྲིན་བསྐྱང་གནང་ཟེར་ ཞུ་ནི་ཨིན་ལགས།
གལ་སྲིད་ གཞུང་པའི་གྲལ་ཁར་ སྡོད་ཁྲི་མེད་དེ་འབད་རུང་ སྒེར་པའི་གྲངས་སུ་བཙུགས་གནང་རུང་མ་བཏུབ་མེད་ཟེར་ཞུ་ནི་ཨིན། ག་ཅི་སྨོ་ཟེར་ཞུ་བ་ཅིན་ ངེ་གི་ཨ་པའི་ཡིག་ཚང་དང་
ཕམ་གཉིས་སྡོད་སའི་ཁྱིམ་ཡང་ སློབ་གྲྭའི་ཉེ་འདབས་ལུ་ཨིནམ་ལས་ དྲོ་པ་དང་ཕྱི་རུ་ལམ་འགྲུལ་འབད་ནི་ལུ་ དཀའ་ངལ་མི་འབྱུང་ནི་མས་ཟེར་ཞུ་ནི་ཨིན།
དེ་འབདཝ་ལས་ སློབ་དབུ་འཛིན་མཆོག་གིས་ ག་དེ་སྦེ་འབད་རུང་ ང་ལུ་ཐུགས་རྗེས་གཟིགས་ཏེ་ སློབ་གྲྭ་ནང་བཙུགས་ཐབས་ཡོད་པའི་ སྐྱིད་སྡུག་གཟིགས་ཏེ་བཀའ་དྲིན་བསྐྱང་གནང་
ཟེར་ གསོལ་འདེབས་ཞུ་བ་མཁྱེན་མཁྱེན་མཁྱེན་ལགས། ཞེས་གོང་གི་སྤྱི་ཚེས་ལུ་ གཤམ་འཁོད་སློབ་ཕྲུག་མིང་པས་
ཕྱག་བཅས་
ཕུལ།

ཕན་ལྡན་འོད་ཟེར།
སློབ་རིམ་བཅུ་གཅིག་པ།
ཕུན་ཚོགས་གླིང་རིག་གསར་འབྲིང་རིམ་སློབ་གྲྭ་གོང་མ།

You might also like