You are on page 1of 21

40

དེབ་ཉོ་རུ་འགྲོ ་བ།
Going to Buy a Book 
1
Author: Rukmini Banerji 
Illustrator: Santosh Pujari 
Translator: Tenzin Rigsang
Layout: Ngawang Kunga

<<ཨིན་བོད་ཤན་སྦྱར་གྱི ་བྱི ས་སྒྲུང་དཔེ ་ཚོ ག ས>>འདི ་ལ་དཔེ ་དེབ་བཞི་བཅུ་ཞེ་གཅིག་ཡོད ་ལ། ཕ་མ་རྣམས་ཀྱིས ་སོ་སོའི་

བྱིས་པ་དག་ལ་ཕན་པར་མཐོ ང ་ན་གཤམ་གྱི ་གློ ག ་འཕྲི ན ་དང་སྐད་འཕྲིན་ཁ་བྱང་ཐོག་འབྲེལ་བ་བྱོས ་དང་། དཔེ་དེབ་ཚང་མ་

གློག ་འཕྲིན་བརྒྱུད་ནས་རི ན ་མེ ད ་དུ་སྐུར་ཆོ ག

Wechat: rigsang1

Email: the.stepingstone@gmail.com

2
དེབ་ཉོ་རུ་འགྲོ ་བ།
Going to Buy a Book 

3
Grandfather gave my
brother and me some
money. “Go and buy
books,” he said. We
were both very happy.
We both love to read. 
སྤོ ་ བོ ས ་ང་དང་ངའི་ གཅུང་པོ་ལ་སྒོར་མོ་འགའ་ཤས་བྱིན་

ཏེ། “སོང་ནས་དེབ་ཉོས་ཤོག” ཅེས་བཤད། ངེད་གཉིས་ཧ་ཅང་

དགའ་བྱུང་། ངེད་གཉིས་དཔེ་ཆ་ཀློག་རྒྱུ་ལ་དགའ་བོ་ཡོད།

5
Should we go
now? Should we go
later? Should we go
today? Should we
go tomorrow? We
decided to go right
now. 
ངེད་གཉིས་ད་ལྟ་འགྲོ་དགོས་སམ། ཡང་ན། ངེད་གཉིས་རྗེས་

ནས་འགྲོ་དགོས་སམ། ངེད་གཉིས་དེ་རིང་འགྲོ་དགོས་སམ། ཡང་

ན། ངེད་གཉིས་སང་ཉིན་འགྲོ་དགོས་སམ། ངེད་གཉིས་ཀྱིས་ད་

ལྟ་མྱུར་དུ་འགྲོ་བའི་ཐག་བཅད།

7
Should we go to the big market? Should we go to the small shop? Should we
go with somebody? Should we go alone? We decided to go to the small shop,
just the two of us. 
ངེད་གཉིས་ཁྲོམ་ར་ཆེན་པོ་ལ་འགྲོ་དགོས་སམ། ངེད་གཉིས་

ཚོང་ཁང་ཆུང་ཆུང་ལ་འགྲོ་དགོས་སམ། ངེད་གཉིས་མི་གཞན་

དང་ལྷན་དུ་འགྲོ་དགོས་སམ། ངེད་གཉིས་གཅིག་པུར་འགྲོ་

དགོས་སམ། ངེད་གཉིས་ཀྱིས་ཚོང་ཁང་ཆུང་ཆུང་ལ་གཅིག་

པུར་འགྲོ་བའི་ཐག་བཅད།

9
We like the small bookshop.
It is small but it has many
books. The man in the shop
likes us. He always helps us. 
ངེད་གཉིས་དེབ་ཚོང་ཁང་ཆུང་ཆུང་དེར་དགའ་བྱུང་། དེ་ནི་

དེབ་ཚོང་ཁང་ཆུང་ཆུང་ཞིག་ཡིན་ཡང་། ནང་དུ་དེབ་མང་པོ་

ཡོད། དེབ་ཚོང་ཁང་དུ་ཡོད་པའི་མི་དེས་ང་ཚོར་དགའ་བོ་བྱེད་

ཅིང་། ཁོས་ང་ཚོར་རྟག་པར་རོགས་བྱེད།

11
Should I buy a book with a lot of pictures?
Should I buy a book with many stories? 
Should I buy a thin book? I could not decide. 
ངས་རི་མོ་མང་བའི་དེབ་ཅིག་ཉོ་དགོས་སམ། ངས་སྒྲུང་མང་

བའི་དེབ་ཅིག་ཉོ་དགོས་སམ། ཡང་ན། ངས་དེབ་སྲབ་མོ་ཞིག་

ཉོ་དགོས་སམ། ངས་ཐག་གཅོད་མ་ཐུབ།

13
We do not know which book to buy.
The man in the shop smiled at us. “Relax,
come with me,” he said. “These books
are about animals. Those are about
machines. Those over there are
about wars. Take what you want.”
ངེད་གཉིས་ཀྱིས་དེབ་གང་ཞིག་ཉོ་དགོས་པ་མ་ཤེས། ཚོང་ཁང་ནང་

གི་མི་དེས་ངེད་གཉིས་ལ་འཛུམ་ཞིག་བསྟན་ཏེ། “ལྷོད་ལྷོད་བྱོས། ང་

མཉམ་དུ་ཤོག དེབ་འདི་དག་ནི་སྲོག་ཆགས་ཀྱི་སྐོར་རེད། འདི་དག་ནི་

འཕྲུལ་ཆས་ཀྱི་སྐོར་རེད། ཀན་ལ་ཡོད་པ་རྣམས་དམག་འཁྲུག་གི་སྐོར་

རེད། ཁྱོད་གཉིས་ལ་ག་རེ་དགོས་ན་དེ་ལོངས།” ཞེས་བཤད།

15
I picked up some books. My brother picked
up some books. I sat on the floor. He sat on
the chair. And we read many stories. 
 ངས་དེབ་འགའ་ཤས་ལག་ཏུ་བླངས། ངའི་གཅུང་པོས་དེབ་

འགའ་ཤས་ལག་ཏུ་བླངས། ང་ཐང་ལ་བསྡད། ཁོ་རྐུབ་སྟེགས་

ཐོག་ཏུ་བསྡད། ངེད་གཉིས་ཀྱིས་སྒྲུང་མང་པོ་བཀླགས།

17
It was very quiet. There
was no sound. One hour
passed. Two hours passed.
Finally, we knew which
books to buy. 
ཚོང་ཁང་དུ་ལྷིང་འཇགས་ཆེ་ཞིང་། སྐད་ཅོར་ཅི་ཡང་མེད།

དུས་ཚོད་གཅིག་འདས། དུས་ཚོད་གཉིས་འདས། མཐའ་མར་

ངེད་གཉིས་ཀྱིས་དེབ་གང་ཉོ་དགོས་པ་ཤེས་བྱུང་།

19
The man in the bookshop smiled at us. I got a fat
book with many stories. My brother got a big book
with many pictures. We ran home. We climbed on our
grandfather’s bed. He put his arms around us and then
we read many stories. 
 
དེབ་ཚོང་ཁང་དུ་ཡོད་པའི་མི་དེས་ངེད་གཉིས་ལ་འཛུམ་བསྟན།

ངས་སྒྲུང་མང་པོ་ཡོད་པའི་དེབ་མཐུག་པོ་ཞིག་ཉོས། ངའི་གཅུང་

པོས་རི་མོ་མང་པོ་ཡོད་པའི་དེབ་མཐུག་པོ་ཞིག་ཉོས། ངེད་གཉིས་

རྒྱུགས་ནས་ཁྱི མ ་དུ་ལོ ག ངེ ད ་གཉི ས ་སྤོ ་ བོ འ ི ་ ཉལ་ཁྲི འ ི ་ ཐོ ག ་ལ་

འཛེགས། ཁོང་གིས་ལག་གཉིས་ཀྱིས་ངེད་གཉིས་ལ་རྒྱབ་ནས་འཇུས།

དེ་ནས། ང་ཚོས་སྒྲུང་མང་པོ་བཀླགས།

21

You might also like